ང་ཚོའི་སྐོར་ལ།

ཆོས་ལུགས་སམ་དད་མོས་རང་དབང་སློབ་གཉེར་གྱི་གླེང་སྟེགས་སྐོར་ལ་དེ་ལས་མང་བ་འཚོལ།

ཆོས་ལུགས་སམ་དད་མོས་རང་དབང་གི་སློབ་གཉེར་གླེང་སྟེགས་ངོས་ནས་ཆོས་ལུགས་སམ་དད་མོས་རང་དབང་སྲུང་བརྩི་ཞུས་པ་དང་། སྲུང་སྐྱོབ་བྱས་པ། དེ་བཞིན་ཁྱབ་སྤེལ་བཏང་ཡོད་པའི་འཛམ་གླིང་གི་ནང་དུ་ལེགས་སྐྱེས་ཕུལ་འདོད་ཡོད་མཁན་གྱི་མི་ཚང་མའི་སློབ་གཉེར་གྱི་དགོས་མཁོ་ཁག་གནང་ཐུབ་པའི་འབད་བརྩོན་བྱེད་ཀྱི་ཡོད།

ག་རེ།

ཆོས་ལུགས་སམ་དད་མོས་རང་དབང་གི་སློབ་གཉེར་གླེང་སྟེགས་ངོས་ནས་ཚང་མའི་ཆེད་དུ་གང་ཟག་སྒེར་པ་དང་། ཚོགས་པ་ཁག དེ་བཞིན་སྒྲིག་འཛུགས་དང་ཐག་གཅོད་གནང་མཁན་ཁག་གིས་ཆོས་ལུགས་སམ་དད་མོས་རང་དབང་སྐོར་ལ་ཤེས་རྟོགས་དང་། བསམ་ཞིབ་བྱེད་པ། དེ་བཞིན་ཁྱབ་སྤེལ་གཏོང་ཐུབ་པའི་ཆེད་དུ་རོགས་རམ་གནང་ཐུབ་པའི་འབད་བརྩོན་བྱེད་ཀྱི་རེད། ང་ཚོས་འདི་རིན་པ་སྤྲོད་མི་དགོས་པའི་སློབ་ཚན་དང་། སློབ་གཉེར་གྱི་ཐོན་ཁུངས། སྦྱོང་བརྡར་སྤྲོད་ཆེད་ཀྱི་རྒྱུ་ཆ། དེ་བཞིན་འབྲེལ་ལམ་བཟོ་བའི་གོ་སྐབས་རིགས་མཁོ་སྤྲོད་བྱེད་པའི་ཐོག་ནས་དེ་ལྟར་ཡོང་བ་བྱེད་ཀྱི་ཡོད། གླེང་སྟེགས་དེའི་སྟེང་དུ་རང་ངོས་ནས་སློབ་སྦྱོང་དང་། ལས་བྱེད་པ་ཚོར་སྦྱོང་བརྡར་ཆེད་དུ་དང་དེ་བཞིན་སློབ་སྦྱོང་སྤྲོད་མཁན་དང་མཐུན་སྦྱོནྲ་གནང་མཁན་ཚོས་གཞོན་སྐྱེས་དང་མི་རྒན་པའི་རུ་ཁག་གིས་མཁོ་སྤྱོད་ཐུབ་པའི་ཐོན་ཁུངས་རིགས་འཚུད་པ་གནང་ཡོད།

ང་ཚོས་སྤུས་ཚད་དང་སྙོབ་ལེན་ཐུབ་པ་ལ་ཡིད་ཆེས་བྱེད་ཀྱི་ཡོད། ང་ཚོའི་ངོས་ནས་ཐོན་ཁུངས་ཁག་སྐད་ཡིག་འདྲ་མིན་ཁག་གི་ནང་མཁོ་སྤྲོད་བྱེད་པའི་འབད་བརྩོན་བྱེད་པ་དང་། དེ་བཞིན་ང་ཚོའི་ཐོན་ཁུངས་གཙོ་བོ་ཁག་ཆེད་ལས་མཁས་དབང་ཚོ་དང་གླེང་མོལ་བྱས་པ་བརྒྱུད་ནས་བཟོ་སྐྲུན་བྱས་པ་དང་དཔྱད་གཞིའི་མི་རིགས་ནང་དུ་ཆོས་ལུགས་དང་དད་པའི་རྒྱབ་ལྗོངས་འདྲ་མིན་ལ་གཞི་བཅོལ་ཡོད།

ག་རེ་བྱས་ནས།

ཆོས་ལུགས་སམ་དད་མོས་རང་དབང་བརྩི་མེད་བཏང་བའི་རིགས་ཀྱིས་གང་ཟག་སྒེར་པ་དང་། ཚོགས་པ་ཁག དེ་བཞིན་སྤྱི་ཚོགས་ཁག་ལ་གཏོར་རླག་གི་རང་བཞིན་ལྡན་པའི་ཤུགས་རྐྱེན་ཐེབས་ཀྱི་ཡོད། སློབ་གཉེར་གླེང་སྟེགས་འདིའི་དམིགས་ཡུལ་ནི་ཚང་མའི་ཆེད་དུ་ཆོས་ལུགས་སམ་དད་མོས་རང་དབང་གི་སྤྱི་ཚོགས་དང་། ཆབ་སྲིད། ཁྲིམས་ཀྱི་རིག་གཞུང་ཞིག་གཞི་རིམ་མང་ཚོགས་གོང་འོག་ཚང་མར་བསྐྲུན་ཐུབ་པའི་ཆེད་དུ་མཐུན་སྦྱོར་ཡོང་བ་བྱེད་ཀྱི་ཡོད། ཞི་བདེ་དང་། བརྟན་རླིང་། ཡར་རྒྱས་ཡོང་བར་འགྲོ་བ་མིའི་ཐོབ་ཐང་ཁག་ལ་རག་ལུས་ཡོད། ང་ཚོའི་གཏིང་རིང་ཤོས་ཀྱི་དབྱེ་བ་ཁག་ལ་མ་ལྟོས་པར་ལྷག་པར་དུ་ང་ཚོ་མཉམ་དུ་འཚོ་གནས་དང་། ཚང་མའི་ཆེད་དུ་ཐོབ་ཐང་ཁག་ཁས་ལེན་ཆེད་དུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད།

སུའི་ཆེད་དུ་རེད་དམ།

སློབ་གཉེར་གླེང་སྟེགས་ཀྱི་ཐོན་ཁུངས་ཁག་ནི་སྐབས་དོན་འདྲ་མིན་དང་ཉན་པ་པོ་འདྲ་མིན་ལ་ཕན་ཐོགས་ཡོད།

  • གྲོས་ཚོགས་ཀྱི་ཚོགས་མི་དང་། རྒྱལ་འབྲེལ་སྐུ་ཚབ། གོང་འཕེལ་ཆེད་ལས་མཁས་པ།
  • སྤྱི་དམངས་ཀྱི་སྲིད་ཇུས། དེའི་ནང་དུ་དྲང་བདེན་ལམ་ལུགས་ཀྱི་ལས་བྱེད་པ་དཔེར་ན་ཉེན་རྟོག་པ་དང་། ཁྲིམས་རྩོད་པ། ཁྲིམས་དཔོན་འཚུད་པ།
  • ཆོས་ལུགས་དང་དད་པའི་སྤྱི་ཚོགས་ཁག་གི་ཚོགས་མི་དང་སྡོམ་པ་འབོག་མཁན་ཡང་ན་དབུ་ཁྲིད་ཁག
  • ཆོས་ལུགས་ཀྱི་དབུ་ཁྲིས་སྦྱོང་བརྡར་སྤྲོད་མཁན་གྱི་ལྟེ་གནས་ཁང་དཔེར་ན་ཆོས་ལུགས་ཀྱི་རྣམ་གཞག་གི་ཆོས་རིག་སློབ་གཉེར་ཁང་ལྟ་བུ།
  • སློབ་གསོ་སྤྲོད་མཁན་གྱི་ཚོགས་པ་/འགྲོ་བ་མིའི་ཐོབ་ཐང་། དམངས་གཙོ། ཁྲིམས་ལུགས་ཡང་ན་ཆོས་ལུགས་སློབ་སྦྱོང་བྱེད་མཁན་གྱི་སློབ་ཕྲུག
  • NGO ལས་བྱེད་པ་དང་ཚོང་ལས་ཀྱི་དབུ་ཁྲིད་སྐབས་དོན་གདལ་ཤིག་ཚབས་ཉེན་བཏང་ཡོད་སར་ལས་ཀ་བྱེད་མཁན།
  • འགྲོ་བ་མིའི་ཐོབ་ཐང་དང་ཆོས་ལུགས་སམ་དད་མོས་རང་དབང་གི་སྒྲིག་འཛུགས་ཁག་ནང་དུ་ལས་ཀ་བྱེད་མཁན་ལས་བྱེད་པ།
  • བརྒྱུད་ལམ།

སུ་ཆེད་དུ་རེད་དམ།

ཆོས་ལུགས་སམ་དད་མོས་རང་དབང་གི་གླེང་སྟེགས་དེ་ནི་ Nordic Ecumenical Network on Freedom of Religion or Belief་ (NORFORB) ཡིས་སྣ་འདྲེན་ཏེ་ཆོས་དང་མ་འབྲེལ་བ་དང་དེ་བཞིན་དད་པ་གཞི་བཞག་གི་སྒྲིག་འཛུགས་ཁག་དང་མཉམ་ལས་བྱས་ཏེ་འགྲོ་བ་མིའི་ཐོབ་ཐང་ནས་ཆོས་ལུགས་སམ་དད་མོས་རང་དབང་ཚང་མའི་ཆེད་དུ་ཁྱབ་སྤེལ་གཏོང་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད། དེ་ཡང་དོན་ཚན་ 18 ནང་དུ་གསལ་བའི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་དང་རྒྱལ་སྤྱིའི་མི་སེར་དང་ཆབ་སྲིད་ཐོབ་ཐང་གི་ཆིངས་ཡིག་ནང་དུ་གསལ་བ་བཞིན་གནང་གི་ཡོད།

NORFORB སྐོར་དང་། ང་ཚོས་སུ་དང་མཉམ་ལས་བྱེད་པ། སུས་སློབ་སྟོན་བྱེད་པ། དེ་བཞིན་སུས་ང་ཚོ་མ་དངུལ་རོགས་རམ་བྱེད་ཀྱི་ཡོད་པ་གཤམ་འོག་ནས་ཤེས་རྟོགས་མང་བ་ཡོང་བ་གྱིས།

Nordic Ecumenical Network ཡི་ཆོས་ལུགས་སམ་དད་མོས་རང་དབང་ཆེད་དུ།

དྲ་སྦྲེལ་དེའི་སྐོར་ལ་མང་བ་འཚོལ། (དབྱིན་སྐད་ནང་དུ།)

མ་དངུལ་ཟླ་རོགས།

སློབ་ཚན་དང་། ཐོན་ཁུངས། དེ་བཞིན་ཡིག་སྒྱུར་བྱས་པའི་རིགས་འགྲེལ་སྤེལ་བྱེད་པའི་སྐོར་ལ་བརྡ་ལན་ཐོབ་ཆེད་མངགས་ཉོ་གནང་།

ང་ཚོའི་གསར་འཕྲིན་མངགས་ཉོ་གནང་རོགས།

མངགས་ཉོ།